一、在西藏栽培梨应选择什么品种?
1. 早酥梨 果实卵形或长卵圆形,果个大,一般单果重200~ 25O克;果皮薄,黄绿色,果面光滑,果点小; 果肉白色,质细、酥脆、石细胞少、汁极多、淡甜,含可溶性固形物11%- 14. 6%, 品质上等。
2. 砀山酥梨 果个大,平均单果重239~27O克;果实近圆柱形,绿黄色,贮后为黄白色;果皮薄,有蜡质光泽,果点小而密;果肉白色,稍粗、酥脆多汁、味甜,含可溶性固形物12.4%, 品质上等。
3. 幸水 一般单果重165克,最大29O克;扁圆形,果梗较长,萼片脱落;果皮青褐色,果面粗糙,果点较多;果肉白色,细嫩多汁、味浓甜、有香气, 含可溶性固形物11%- 14%, 品质上等。8月成熟。
4.黄花梨 单果重130~2OO克;圆锥形,果皮黄绿,果面有黄褐色斑;果梗中长,耟片宿存;果肉白色,肉质中粗松脆、汁多味甜,含可溶性固形物13.1%, 品质上等。
二、怎样栽培梨
1. 合理配置授粉树
梨是异花授粉树种,自花结实能力极低。果园中定植主栽品种2-4个互为授粉树。
2. 栽植技术
(1)栽植密度 每亩33~55株(3~4 × 5~6米),平地可适当加大株行距。
(2)挖穴定植 在土壤比较贫瘩的地方,定植穴不应小于1立方米。坑底部应填30~40厘米厚的有机肥(腐熟的农家肥等),栽植时确保根系与土壤紧密结合,踏实,浇透水,植株嫁接口必须露出地面。
三、管理技术要点
1.土壤管理 要深翻改土,疏松土壤,保持土壤有足够的有机物质,通气透水,增强保肥保水能力。
2.施肥 土壤有机质含量为5%~7% 。可种植绿肥植物,也可通过秋冬季穴施或沟施有机肥,如牛、羊粪,结果树平均每年每株施30公斤,幼树减半,老龄树加倍。
3.灌溉和排水 在春季新梢生长和落叶土壤封冻时要及时灌水,以提高果树生长发育和抗寒越冬能力。雨季注意防涝。
4. 修剪 春剪与环割在四月上旬萌动或萌芽后尽早进行,最晚五月上旬开花前完成。强旺骨干枝头(1米以上)冬剪或萌后留长60~80厘米,萌动后在中部需分枝处“环割”一圈。
5. 树形 (1)基部三主枝邻近半圆形是我区果树生产上的主要树形,干高50~60厘米,加整形带15~20厘米(萌发基部主枝部位)-d般在7O~80厘米处定干。 (2)纺锤形(自然纺锤形),干高5O厘米左右,全树主枝9~13个左右。
四、梨病虫害防治
1. 病害及防治
黑星病 主要为害果实和叶片。果实发病初生淡黄色圆形斑‘点, 以后逐渐扩大。病部稍凹陷,上长黑霉,后病斑木栓化、坚硬、凹陷并龟裂。 叶片受害初,在叶背主枝脉之间呈现圆形、椭圆形或不整形的淡黄色斑,不久病斑上沿主脉边缘长出黑色霉。
防治方法 消灭病菌侵染来源、加强果园管理、喷药保护。 主要药剂有多菌灵、 甲基托布津、代森锰锌、决得宁、赛福座等。
梨轮纹病 主要为害果、枝、叶。果实多在近成熟或贮藏期发病。病果起初以皮孔为中心发生水渍状、褐色、近圆形的斑点,后逐渐扩大,呈暗红褐色并有明显的同心轮纹。叶片上发病,产生不规则形的褐色病斑,略具轮纹,后逐渐变为灰白色。枝干受害时,以皮孔为中心产生褐色、圆形或不整圆形的病斑。
防治方法 加强栽培管理、喷药保护。防治的主要药剂有多菌灵、甲基托布津、代森锰锌、敌菌丹等杀菌剂。
2. 虫害及防治
为害梨的害虫主要有蚜虫、螨类。蚜虫可用独标、功得乐等, 螨类可用螨绝、螨克等农药进行防治。
དང་པོ། བོད་ལྗོངས་སུ་ཤིང་འབྲས་‘ལི་’ འདེབས་འཛུགས་བྱེད་ན་སྡོང་སོན་གང་འདེམས་པ།
1. སྔ་སྨིན་ལི་ཤ་བཅག
‘ལི་’འདི་རིགས་ཀྱི་དབྱིབས་ཟླུམ་རིལ་འཇོང་འཇོང་ངམ་ཡང་ན་སྒོང་གཟུགས་འཇོང་འཇོང་ནར་ཙམ་ཡོད་ལ་ཆེ་བ་རྡོག་པོ་གཅིག་ལ་ཁེ་200~250ཡོད། པགས་པ་སྲབ་ལ་ཁ་དོག་ལྗང་སེར། པགས་པ་འཇམ་ཞིང་ཁྲ་ཐིག་ཆུང་།འདི་ཡི་འབྲས་ཤ་དཀར་ལ་རྒྱུ་འཇམ་པ། ཁུ་བ་ཤིན་ཏུ་མང་༑ བྲོ་བ་ཅུང་མངར། ཞུ་རུང་བའི་སྲ་གཟུགས་རྡོག་11%~14.6% ཡིན་ཞིང་། སྤུས་ཚད་རྩེ་གྲ་ཡིན།
2.ཏང་ཧྲན་ལི་ཤ་བཅག
‘ལི་’རྡོག་པོ་ཆེ་བས་ཆ་སྙོམས་རྡོག་རེ་ལ་ལྗིད་ཚད་ཁེ་239~270ཡོད། ཀ་ཟླུམ་དབྱིབས་གཟུགས་འདྲ། ཁ་དོག་ལྗང་སེར། ཉར་འཇོག་བྱས་རྗེས་ཁ་དོག་སེར་དཀར་ དུ་འགྱུར། ཤིང་འབྲས་པགས་པ་སྲབ་ཅིང་། འཇམ་ལ་བཀྲག་མདངས་ལྡན། ཤིང་འབྲས་པགས་པའི་ཁྲ་ཐིག་ཆུང་ལ་མང་། ཤིང་འབྲས་འབྲས་ཤ་དཀར་བ་རྩུབ་ཙམ་ཡོད།ཤ་བཅག་ཅིང་ཁུ་བ་མང་ལ་རོ་མངར། ཞུ་རུང་བའི་སྲ་གཟུགས་རྡོག་པོ་12.4%ཙམ་ཡོད། སྤུས་ཚད་རྩེ་གྲ་ཡིན།
3. ཤིང་ཧྲུད་‘ལི་’།
སྤྱིར་ན་ལི་རྡོག་གཅིག་ལ་ལྗིད་ཚད་ཁེ་165ཙམ་ཡིན་ཞིང་། ཆེ་ཤོས་འ་ཁེ་290ཙམ་ཡོད། གཟུགས་དབྱིབས་འཇོང་ལ་ལེབ་ཙམ་དང་འབྲས་བུའི་རྐང་ཡུ་རིང་ཙམ།འདབ་སྐྱོར་ལོ་མ་ཟགས་པ། འབྲས་བུའི་ཁ་དོག་སྔོ་ལ་ཁམ་མདོག ཤིང་འབྲས་པགས་པ་རྩུབ་པ། ཁྲ་ཐིག་ཅུང་མང་བ། འབྲས་ཤའི་ཁ་དོག་དཀར་བ། སྙི་ལ་ཁུ་བ་མང་། བྲོ་བ་མངར་ཤས་ཆེ་ལ་དྲི་ཞིམ་ལྡན། ཞུ་རུང་སྲ་གཟུགས་རྡོག་པོ་11%~14%ཡོད། སྤུས་ཚད་རྩེ་གྲ། ཟླ་བ་བརྒྱད་པའི་ནང་དུ་སྨིན་པ་ཡིན།
4.‘ལི་’མེ་ཏོག་སེར་པོ།
‘ལི་’འདིའི་རྡོག་པོ་གཅིག་ལ་ལྗིད་ཚད་ཁེ་130~200ཡོད། དབྱིབས་གཟུགས་ཟླུམ་སྙུང་། པགས་པ་སེར་ལྗང་།པགས་པའི་སྟེང་དུ་ཁམ་མདོག་གི་ཁྲ་ཐིག་འབྱུང་། ཤིང་འབྲས་རྐང་ཡུ་རིང་འབྲིང་། འདབ་སྐྱོར་ལོ་མ་འཁུམ་པ།ཤིང་འབྲས་ཀྱི་འབྲས་ཤ་ཁ་དོག་དཀར་པོ། ཤིང་འབྲས་རྒྱུ་ཅུང་རྩུབ་ལ་ཤ་བཅག་པ། ཁུ་བ་མང་ཞིང་རོ་མངར་བ།ཞུ་རུང་བའི་སྲ་གཟུགས་རྡོག་13%ཙམ་ཡོད། དེའི་སྤུས་ཚད་རྩེ་གྲ་ཡིན།
གཉིས་པ། ཤིང་འབྲས་‘ལི་’ཇི་ལྟར་འདེབས་འཛུགས་བྱེད་དགོས།
1. ཟེའུ་རྡུལ་སྦྱོར་བའི་འབྲས་ཤིང་ལ་བཀོད་སྒྲིག་འོས་འཚམ་བྱེད་པ།
‘ལི་’ནི་མེ་ཏོག་གཞན་གྱིས་ཟེའུ་རྡུལ་སྦྱོར་བའི་ཤིང་འབྲས་ཤིག་ཡིན་པས་རང་རང་གི་མེ་ཏོག་ལ་འབྲས་བུ་ཐོགས་པའི་ནུས་པ་ཤིན་ཏུ་ཞན། དེར་བརྟེན་ཟེ་རྡུལ་སྦྱོར་བའི་འབྲས་ཤིང་སྡོང་བོ་2~4བར་བཙུགས་ནས་ཕན་ཚུན་ཟེའུ་འབྲུ་སྦྱོར་དགོས།
2.འདེབས་འཛུགས་ལག་རྩལ།
(1)འདེབས་འཛུགས་མཐུག་ཚད། མུའུ་རེ་ལ་འབྲས་ཤིང་སྡོང་བོ་33~55(3~4×5~6)འདེབས་ཆོག་པ་ཡིན།འདེབས་ས་ཐང་སྙོམ་ཡིན་ན་འབྲས་ཤིང་སྡོང་པོའི་སྟར་ཐག་རིང་དུ་གཏོང་ཆོག
(2)ས་དོང་བྲུས་ནས་འབྲས་སྡོང་གཏན་ཁེལ་བྱེད་པ།ས་རྒྱུ་ཞན་པའི་ལྡུམ་རའི་ནང་དུ་འདེབས་འཛུགས་བྱེད་སྐབས་སྡོང་པོའི་ས་དོང་གཤོང་ཚད་ཀྱི་སྨི་ངོས་སྙོམས་གྲུ་བཞི་གཅིག ས་དོང་མཐིལ་དུ་མཐུག་ཚད་ལི་སྨི་30~40བར་གྱི་སྐྱེ་ལྡན་ལུད་(ཞིང་པའི་དུད་ཚང་གི་ལུད་རུལ་པ་སོགས་)བཏིང་ནས་རྩ་བའི་ཡལ་ག་རྣམས་ས་རྒྱུའི་ནང་དུ་ཡོངས་སུ་
ཟུག་ཐུབ་པ་བྱེད་དགོས་པ་མ་ཟད་བཅག་བཅག་ཡག་པོ་བྱེད་པ་དང་། ཆུ་སིམ་པར་གཏོང་བ། སྡོང་བོ་སྦྱར་ཁ་བྱེད་མཚམས་དེ་ངེས་པར་དུ་ས་སྟེང་དུ་འདོན་དགོས།
གསུམ་པ། བདག་སྐྱོང་ལག་རྩལ་གཙོ་གནད།
1. ས་རྒྱུའི་བདག་སྐྱོང་།
ས་ཞིང་གཏིང་སློག་བྱས་ནས་ས་རྒྱུ་ལེགས་བཅོས་བྱེད་པ་དང་ཞིང་ས་སོབ་སོབ་བཟོས་ནས་ས་རྒྱུའི་ནང་དུ་སྐྱེ་ལྡན་དངོས་པོ་ངེས་ཅན་ཡོད་དགོས་ཤིང་། རླུང་འགྲོ་བདེ་པོ་བཟོས་ཐོག་ཆུ་ལུད་གཉིས་ཀ་སྲུང་བའི་ནུས་པ་སླེབས་ཐུབ་པར་ཤུགས་སྣོན་རྒྱག་དགོས།
2.ལུད་འཇོག་པ།
ས་རྒྱུའི་ནང་དུ་སྐྱེ་ལྡན་དངོས་པོ་5%~7%བརྒྱབ་ནས་སྔོ་ལྗང་རྩི་ཤིང་འདེབས་འཛུགས་བྱ། དགུན་དཔྱིད་གཉིས་ཀྱི་དུས་སུ་ས་དོང་འབྲུ་བའམ་ཡང་ན་ས་ཤུར་བྲུས་ནས་སྐྱེ་ལྡན་ལུད་འཇོག་པ་དཔེར་ན། ལྕི་བ་དང་རིལ་མ་སོགས་འབྲས་ཤིང་རེ་ལ་ལོ་རེར་སྤྱི་རྒྱ་30ཙམ་རྒྱག་པ་དང་།འབྲས་ཤིང་སྡོང་བོ་ཆུང་ངུར་ལུད་འབོར་ལྡབ་གཅིག་ཉུང་དུ་གཏོང་ལ། སྡོང་རྒན་ལ་ལུད་འབོར་ལྡབ་གཅིག་མང་དུ་གཏོང་དགོས།
3. ཆུ་འདྲེན་པ་དང་ཆུ་གཤོང་བ།
དཔྱིད་དུས་ཡལ་ག་གསར་པ་རྒྱས་པ་དང་། ལོ་མ་ཟགས་ཏེ་ས་འཁྱགས་ཐེབས་པའི་སྐབས་སུ་དུས་ཐོག་ཏུ་ཆུ་དྲངས་ནས་འབྲས་ཤིང་སྡོང་བོ་སྐྱེ་འཚར་ཡག་ཏུ་གཏོང་བ་དང་ཐན་འགོག་དགུན་བརྒལ་གྱི་ནུས་པ་ལེགས་སུ་ཐོན་དགོས། ཆར་ཞོད་སླེབས་པའི་དུས་ལ་ཞོད་སྐྱོན་སྔོན་འགོག་བྱེད་དགོས།
4.ཡལ་ག་གཅོད་པ།
དཔྱིད་དུས་སྡོང་བོའི་ཡལ་ག་གཅོད་པ་དང་མཐའ་འཁོར་གྱི་རྭ་ལག་གཅོད་པ། ཟླ་བཞི་པའི་ཟླ་སྟོད་དུ་མྱུ་གུ་འབུ་བའམ་ཡང་ན་མྱུ་གུ་འབུས་རྗེས་གང་མགྱོགས་སྒོས་གཅོད་དགོས། མ་མཐར་ཡང་ཟླ་བ་ལྔ་པའི་ཟླ་སྟོད་མེ་ཏོག་མ་བཏང་གོང་ལ་བཅད་ཚར་དགོས། སྐྱེ་ཤུགས་ཧ་ཅང་ཆེ་བའི་ཡལ་ག་དགུན་དུས་གཅོད་པའམ་ཡང་ན་མྱུ་གུ་འབུས་
རྗེས་ལི་རེ་སྨི་60~80བར་འཇོག མྱུ་གུ་འབུས་རྗེས་སྡོང་བོའི་དཀྱིལ་དབུས་ཡལ་ག་འགྱེས་སར་སྒོར་ཏེ་གཅོད་པ།
5. སྡོང་བོའི་དབྱིབས།
(1)སྡོང་རྩའི་རྭ་ལག་ཆེ་བ་གསུམ་ཕྱེད་སྒོར་མོའི་དབྱིབས་གཟུགས། དེ་ནི་རང་ལྗོངས་ཀྱི་ཤིང་འབྲས་ཐོན་སྐྱེད་བྱེད་པའི་ནང་དུ་སྡོང་དབྱིབས་གཙོ་བོ་ཞིག་ཡིན། མ་སྡོང་མཐོ་ཚད་ལི་སྨི་50~60ཐོག་གསར་དུ་འབུས་པའི་ཡལ་ག་གཙོ་བོ་གསུམ་གྱི་མཐོ་ཚད་ལི་སྨི་15~20བསྣན་རྗེས་མ་སྡོང་མཐོ་ཚད་ལི་སྨི་70~80བར་གཏན་འཁེལ་བྱས་ན་འཚམ།
(2)འཁལ་འཕང་དབྱིབས་(ཉི་གདུགས་དབྱིབས་)མ་སྡོང་མཐོ་ཚད་ལི་སྨི་50ཙམ་གྱི་ཐོག་ཏུ་ཉི་གདུགས་རྩིབས་མ་ལྟར་ཡལ་ག་གཙོ་བོ་9~13འགྱེས་པ་ཡིན།
བཞི་པ། འབུ་སྐྱོན་དང་ནད་སྐྱོན་འགོག་པ།
1. ནད་སྐྱོན་འགོག་བཅོས།
ཧམ་ནག་གི་ནད། ནད་དེ་གཙོ་བོ་འབྲས་བུ་དང་ལོ་མར་གནོད་འཚེ་ཕོག་པ་ཞིག་ཡིན། ཤིང་འབྲས་ལ་ནད་དེ་ཐོག་མ་ཕོག་དུས་ཁྲ་ཐིག་སེར་སྐྱ་བྱུང་ནས་རིམ་བཞིན་ཁྱབ་པ་དང་། ནད་ཕོག་ཡུལ་ཀོང་ཀོང་ཕྲན་ཙམ་ཆགས་ཐོག་ཧམ་པ་ནག་པོ་ཐོན། མཇུག་ཏུ་ནད་ཤུལ་ཤིང་ཤུན་ལྟ་བུ་ཆགས་ནས་ཀོང་ཀོང་དུ་བརྡིབས་ནས་གས་འགྲོ་བ་ཡིན།ལོ་མར་ནད་དེ་ཕོག་སྐབས་ཐོག་མར་ལོ་མའི་རྒྱབ་ཀྱི་རྩ་རིས་སྦོམ་པའི་བར་དུ་དབྱིབས་གཟུགས་སྒོར་མོ་དང་ཡང་ན་འཇོང་འཇོང་ཡང་ན་གཟུགས་དབྱིབས་ངེས་མེད་ཀྱི་སེར་སྐྱ་མདོག་གི་ཁྲ་ཐིག་བྱུང་། དེ་རྗེས་ཡུན་རིང་མ་སོང་བར་རྩ་རིས་སྦོམ་པའི་མཐའ་རུ་ཧམ་པ་ནག་པོ་བྱུང་བ་ཡིན།
(1)ནད་འགོག་བཅོས་བྱ་ཐབས། ནད་ཕོག་པའི་འབུ་ཕྲའི་འབྱུང་ཁུངས་མེད་པར་བཟོ་བ་དང་། ཤིང་འབྲས་ལྡུམ་རའི་ནང་གི་བདག་སྐྱོང་ལས་དོན་ལ་ཤུགས་སྣོན་བྱེད་པ། སྨན་ཆུའི་ཟེགས་གཏོར་གྱིས་ཤིང་འབྲས་སྲུང་སྐྱོབ་བྱེད་པ། སྨན་གཙོ་བོ། ཏོའོ་ཅུན་ལིང་དང་ཅ་ཅི་ཐོ་པོ་ཅིང་༑ཏད་མོང་ཤིང་། ཁོད་ཏེ་ཉིང་། པད་རྦོ་ཙོ་སོགས་སྨན་རྫས་བེད་སྤྱོད་པ་ཡིན།
ལིའི་འཁོར་རིས་ནད། ནད་དེ་གཙོ་བོ་ཤིང་འབྲས་དང་༑ ཡལ་ག ལོ་མ་སོགས་ལ་ཕོག་པ་ཡིན། ཤིང་འབྲས་ལ་ནད་དེ་ཕོག་པའི་དུས་ཚོད་ནི་འབྲས་བུ་སྨིན་པའི་སྐབས་དང་། འབྲས་བུ་བསྡུས་ནས་གསོག་ཉར་བྱེད་པའི་སྐབས་སུ་ཡིན། འབྲས་བུར་ནད་དེ་ཐོག་མ་འབྱུང་བའི་སྐབས་ཆུ་དྲེག་ལྟ་བུ་ཁམ་མདོག་དབྱིབས་གཟུགས་སྒོར་ཙམ་གྱི་ཁྲ་ཐིག་བྱུང་རྗེས་རིམ་བཞིན་རྒྱ་ཆེ་རུ་སོང་ནས་ཁ་དོག་དམར་སྨུག་ཁམ་མདོག་ཡིན་ལ་མངོན་གསལ་དོད་པའི་འཁོར་རིས་ཆགས། ལོ་མའི་ཐོག་ནད་དེ་ཕོག་པའི་སྐབས་སུ་གཟུགས་དབྱིབས་ངེས་མེད་ཀྱི་ཁམ་མདོག་གི་ཁྲ་ཐིག་ཐོན་པ། འཁོར་རིས་འདྲ་ཙམ་ཡིན། དེ་རིམ་བཞིན་ཐལ་སྐྱ་མདོག་ཆགས། སྡོང་བོ་དང་ཡལ་གར་ནད་དེ་ཕོག་པའི་སྐབས་ལ་ཤིང་ཤུན་བུ་ག་ལྟེ་བར་བྱས་པའི་ཐོག་དབྱིབས་གཟུགས་སྒོར་སྒོར་དང་། སྒོར་ཙམ་གྱི་ཁམ་མདོག་གི་ཁྲ་ཐིག་གི་ནད་ཆགས་པ་ཡིན།
(2)འགོག་བཅོས་བྱ་ཐབས། འདེབས་འཛུགས་བདག་སྐྱོང་ལ་ཤུགས་སྣོན་བྱེད་པ་དང་། སྨན་ཆུའི་ཟེགས་མ་གཏོར་ནས་སྲུང་སྐྱོབ་བྱེད་པ་ཡིན། ནད་དེ་འགོག་བཅོས་བྱེད་པའི་སྨན་གཙོ་བོ་ནི། ཏོའོ་ཅུན་ལིང་དང་། ཅ་ཅི་ཐོ་པོ་ཅིང་། ཏད་སིང་མང་ཤིན། རྡི་ཅུན་ཏཱན་སོགས་བེད་སྤྱད་དེ་སྨན་བཙོས་བྱེད་པ་ཡིན།
2. འབུ་སྐྱོན་འགོག་བཅོས།
ཤིང་འབྲས་ལི་ཡི་འབུ་སྐྱོན་གཙོ་བོ་ནི། སྐྱེ་དངོས་གནོད་འབུ་དང་སྡོམ་རིགས་ཡིན། སྐྱེ་དངོས་གནོད་འབུར་འདུ་པེའུ་དང་ཀུང་རྡ་ལེ་སོགས་ཡོད། སྡོམ་ནད་རིགས་ལ་སྡོམ་སྟོངས་དང་སྡོམ་བརྟུལ་སོགས་ཞིང་སྨན་བེད་སྤྱད་དེ་སྨན་བཅོས་བྱེད་པ་ཡིན།